འབྱུང་ལྡན་༣༠༡མེ་ཕོ་རྟ་ལོའི་ཞང་བོད་ལོ་ཐོ་གཤེན་གྱི་འོད་སྣང་།
Shen Calendar for the Male Fire Horse Year
19 January 2026 – 7 January 2027
OPEN CALENDAR IN BROWSERKEY FOR CONSULTING SHEN CALENDAR HOW TO INSTALL APP on iOS /SAFARI, ANDROID /CHROME & WINDOWS/CHROME/EDGEའབྱུང་ལྡན་༣༠༡མེ་ཕོ་རྟ་ལོའི་ཞང་བོད་ལོ་ཐོ་གཤེན་གྱི་འོད་སྣང་ཞེས་པ་འདི་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་སྒོམ་གྲྭའི་མཁན་མིང་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་བདག་གིས་གཤེན་གྱི་རྩིས་གསར་རྣམ་དག་གཞིར་བཞག་བྱས་ནས་རྩོམ་པ་དང་། སྤྱིར་བོད་པའི་ལོ་ཐོ་རྩོམ་སྟངས་ཧ་ཅང་རྒྱས་དྲག་པ་དང་། དེར་ཉིན་རེའི་ཚེས་རྩིས་ནང་དུ་བཀོད་པའི་གནད་དོན་ཕལ་ཆེར་བེད་སྤྱོད་དེ་ཙམ་མེད་བསྡད་པའི་བཟོ་འདྲ་བོ་ཆགས་པ་མ་ཟད། ལོ་ཐོ་ཚུལ་བཞིན་ལྟ་ཤེས་མཁན་ཡང་ཉུང་ངུ་ཙམ་ལས་མི་ཕལ་ཆེར་གྱིས་ལྟ་སྟངས་ཀྱང་ཤེས་ཀྱི་མེད། དེར་བརྟེན་འདིར་ཉིན་རེའི་ཚེས་རྩིས་དང་། ནམ་རྒྱུན་མི་དམངས་འཚོ་བའི་ནང་དུ་ལན་ལེན་བེད་སྤྱོད་དགོས་གལ་ཆེ་བ་རྣམས་ལས་བེད་སྤྱོད་དེ་ཙམ་མེད་པ་རྣམས་དོར་ནས་མཁས་བླུན་སུས་བེད་སྤྱོད་བྱས་ཀྱང་བྱེད་ཐུབ་པ་དང་ལག་ལེན་སྟབས་བདེ་བ་བྱས་ཡོད་པ་མ་ཟད། ཉིན་རེའི་འབྱུང་འཕྲོད་རྣམས་སྔ་དྲོ་བཟང་ཡང་ཕྱི་དྲོར་ངན་པ་སོགས་འགྱུར་ལྡོག་སྣ་ཚོགས་སུ་འགྲོ་སྲིད་པས་དེ་དག་དེང་དུས་འཁོར་ལོའི་ཆུ་ཚོད་དང་བསྟུན་ནས་གསལ་བར་བཀོད་ཡོད། འཕྲོད་སྦྱོར་གཙོ་ཆེ་བའི་ཚུལ་ནི། འབྲས་རྩིས་བདུད་རྩིའི་བུམ་བཟང་ལས། གཟའ་སྐར་སོ་སོར་བཟང་ན་ཡང་། འཕྲོད་ངན་དེ་ཡི་འབྲས་བུ་འགྱུར། དེ་ཕྱིར་འཕྲོད་སྦྱོར་གཙོ་རུ་བཟུང་། ཞེས་གསུང་པས་སོ། ད་དུང་ཀླུ་ཐེབས་ལྡོག་བ་དན་སོགས་དང་། ཉི་ཟླ་གཟའ་འཛིན་སྐར་མ་རྀ་ཥི་ལྡོག་གཉིས་དང་མཉམ་གཉིས། གལ་ཆེའི་དུས་ཆེན་སོགས་བཀོད་དེ་གཤེན་གྱི་ལོ་ཐོ་སྟབས་བདེ་ཞིག་དབྱིན་བོད་ཤན་སྦྱར་བྱས་ཏེ་བྲིས་ཡོད་པའི་ཁུལ་ཡིན། དབྱིན་ཡིག་ཞུ་དག་བྱེད་པ་པོ་དབྱིན་ཇི་བ་ཀ་རོལ་དང་ཌི་མ་གཟའ་ཚང་གཉིས་ཡིན་པས་ཁོ་བོས་ཁྱེད་རྣམ་གཉིས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། ༠༦་༠༦་༢༠༢༥ ཉིན་མཇུག་རྫོགས་པར་བྲིས་སོ།།
This Shen Calendar for the Male Fire Horse Year was calculated and composed by myself, Gomdra Khenpo Tsultrim Tenzin, according to the pure and special Shen astrological calculation system. Tibetan calendars tend to be very elaborate, but most aspects listed in these daily calendars are not actually applied so much. This is because, since not many people know how to consult such a calendar in the correct way, those elaborate details are not useful for them. Here, then, I present a daily calendar which people can actually use every day. I have omitted less useful details, thereby making this calendar accessible and handy for both ordinary and knowledgeable people alike. Combinations of the elements on any given day can be favourable in the morning but change to unfavourable later on; there can be many changes, and these are clearly noted in the calendar according to the Western 24-hour clock. Conjunctions between major constellations and stars are explained in The Precious Vase with Nectar of Astrological Calculations as follows: “Even if each planet and star is favourable on its own, their encounters may bring about negative results. Therefore, it is of utmost importance to consider the conjunctions of planets and stars;” so it is said. Furthermore, I have also included favourable and unfavourable days for offerings to the Lu water-spirits etc. as well as solar and lunar eclipses, the Karma Rishi constellation which is auspicious for bathing, and the Summer and Winter Solstices. So, in short, the Shen Calendar for the Male Fire Horse Year is a convenient bilingual Tibetan-English calendar according to the Shen astrological system which also includes major festivals and celebrations of Yungdrung Bön.
My sincere thanks go to the couple from England, Carol and Dima, both of whom helped to translate, check and proofread the English text.
Writing completed on the evening of the 6th June, 2025.
The Team
Astrological Calculations: Drubdra Khenpo Tsultrim Tenzin
English Translation: Dmitry Ermakov & Carol Ermakova
Digital Art & App Design: Dmitry Ermakov
Coding: Zeyno Aygen-Dodd
Proofreading: Carol Ermakova
